སྒྲོལ་མའི་གསོལ་འདེབས་བྱིན་རླབས་མྱུར་མགྱོགས་མ།
疾速加持度母祈請文
“””””””””””””””””””””””””””””””””””
རྒྱལ་བ་ཀུན་གྱི་སྤྱན་སྔར་ཐུགས་བསྐྱེད་རྒྱལ་བའི་ཡུམ་གྱུར་མ་ལུས་རྒྱལ་
བའི་འཕྲིན་ལས་ཀུན་སྒྲུབ་མ།།
諸佛座前 發心成為 諸佛佛母 諸佛事業成辦母
མྱུར་མ་དཔའ་མོ་དབྱངས་ཅན་མ་དང་བསོད་ནམས་མཆོག་སྟེར་རྣམ་རྒྱལ་
རིག་བྱེད་མ་དང་འཇིགས་བྱེད་མ།།
迅勇度母 妙音度母 賜勝福母 尊勝作明威德母
གཞན་གྱིས་མི་ཐུབ་བཞན་ལས་རྒྱལ་དང་སེང་ལྡེང་ནགས་ཀྱི་སྒྲོལ་མ་
འཇིག་རྟེན་གསུམ་རྒྱལ་ནོར་སྟེར་མ།།
無能勝者 超勝他母 擔木度母 三界勝利賜財母
བཀྲ་ཤིས་དོན་བྱེད་དགྲ་དཔུང་འཇོམས་མཛད་ཁྲོ་བཉེར་ཅན་མཛད་
རབ་ཞི་མ་དང་འབར་བའི་འོད་ཅན་མ།།
行吉祥業 降伏眾敵 獰蹙眉母 極寂母及烈焰母
དཔག་མེད་གནོན་མ་རྨ་བྱ་ཆེན་མོ་མི་ཕམ་རྒྱལ་མོ་རི་ཁྲོད་མ་དང་
འོད་ཟེར་ཅན་མར་འདུད།།
無量覆母 大孔雀母 不敗王母 山居具光母頂禮
འགྲོ་ཀུན་སྲིད་པའི་མཚོ་ལས་སྒྲོལ་ཕྱིར་བྱང་ཆུབ་ཐོབ་འདོད་བདག་ཀྱང་
ཁྱེད་ལ་རེའོ་རྗེ་བཙུན་མ།།
為諸眾生 有海救度 欲獲菩提 吾亦祈您至尊母
ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་སྭཱ་ཧཱ།
嗡 達咧都達咧都咧所哈
སྒྲོལ་མ་ཉེར་གཅིག་བསྡུས་པ་འདི་རྒྱ་གར་པཎ་གྲུབ་རྣམས་ཀྱི་ཞལ་འདོན་
ཡིན་པས་བྱིན་རླབས་ཧ་ཅང་ཆེ། སྒྲོམ་མ་མང་པོ་འདོན་བསམ་ན་
འདི་ཧ་ཅང་བཟང་།
這個二十一度母讚是印度成就者與班知達都在用的。
此儀軌加持力很大。